སྲིད་བྱུས་དང་འཆར་གཞི་སྡེ་ཚན།

རྒྱབ་ཁུངས

རྒྱལ་ཡོངས་ས་ཆ་ལྷན་ཚོགས་གཞི་གཙུགས་མཛད་པའི་ཤུལ་ལས་ སྤྱི་་ལོ་༢༠༠༧ ལུ་སྲིད་བྱུས་དང་འཆར་གཞི་ཞབས་ཏོག་འདི་གཞི་གཙུགས་འབད་ནུག་  སྡེ་ཕྲན་འདི་གཞི་བཙུགས་འབད་བའི་སྐབས་ལུ་ ལོ་ལྔའི་འཆར་གཞི་བཅུ་པ་འདི་སྔ་གོང་ལས་ར་གཏན་ཁེལ་བཟོ་ཚར་ནུག་

དེ་འབདཝ་་ལས་བརྟེན་ དེའིབསྒང་ འཆར་གཞི་ཞབས་ཏོག་འདི་དྲུང་ཆེན་ཡིག་ཚང་ལུ་རྒྱབ་སྐྱོར་པ་དང་ ཌ་ནི་ཌ་ (DANIDA) མ་དངུལ་རྒྱབ་སྐྱོར་ཐོག་གི་ལས་འགུལ་ལག་ལེན་འཐབ་མི་དང་ ས་ཆའི་སྲིད་བྱུས་ལག་ལེན་དང་བལྟ་རྟོག་ དབྱེ་ཞིབ་དང་ གཞན་གལ་ཅན་གྱི་ལས་འགན་ལེ་ཤ་རང་འབག་སྡོད་ནུག་ མ་གཞི་ལས་སྡེ་ཚུ་ནང་ སྲིད་བྱུང་དང་འཆར་གཞི་སྡེ་ཚན་འདི་ སྲོག་ཤིང་བཟུམ་ཅིག་སྦེ་ཆ་བཞག་རུང་ ས་ཆ་ལྷན་ཚོགས་ནང་ འཆར་གཞི་འགོ་དཔོན་དང་ ལས་རིམ་འགོ་དཔོན་གསུམ་ལས་བརྒལ་ཡར་སེར་འབད་མ་ཚུགས་པས།

སྲིད་བྱུས་དང་འཆར་གཞི་སྡེ་ཚན་གྱི་འགན་དབང་དང་ལཱ་འགན།

འགན་དབང་།

  • རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང་གཅིག་ཁར་མཉམ་འབྲེལ་ཐོག་ སྡེ་ཚན་ཁག་གི་སྲིད་བྱུས་དང་གཙོ་རིམ་ཚུ་ ལས་སྡེའི་འཆར་གཞི་ ལས་རིམ་དང་ སྲིད་བྱུས་ཚུ་བཟོ་ནི།
  • སྡེ་ཚན་ཁག་དང་གཅིག་ཁར་མཉམ་འབྲེལ་ཐོག་ ལོ་བསྟར་གྱི་འཆར་གཞི་དང་མ་དངུལ་ཚུ་གྲ་སྒིག་འབད་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང་ དངུལ་རྩིས་ལྷན་ཁག་ལུ་ཆ་འཇོག་གི་གནང་བ་ཞུ་ནི།
  • ལས་སྡེའི་ལོ་ལྔའི་འཆར་གཞི་དང་ལས་རིམ་ཚུ་ འགོ་འདྲེན་དང་བརྟ་རྟོག་འབད་དེ་ རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་དང་ ཡུན་རིང་གོང་འཕེལ་གྱི་དམིགས་དོན་ཚུ་གྲུབ་ཐབས་འབད་ནི།
  • ལྷན་ཚོགས་ཡིག་ཚང་དང་འབྲེལ་བའི་ རྒྱལ་ཡོངས་དང་རྒྱལ་སྤྱིའི་སྲིད་བྱུས་ཚུ་གི་དོན་ལུ་ འབྲེལ་གནད་ཀྱི་ངོ་ཚབ་འབད་ནི།
  • ངེས་གསལ་གྱི་སྲིད་བྱུས་དང་བཅའ་ཁྲིམས་ བཅའ་ཡིག་དང་སྒྲིག་གཞི་ ཟུར་ཁྲིམས་ དགོས་མཁོའི་དབྱེ་དཔྱད་ལུ་གཞིར་བཞག་གི་ལམ་སྟོན་ཚུ་འགོ་བརྩམས་དང་ ལག་ལེན་འཐབ་ནི།
  • ལས་སྡེ་སྣ་ཚོགས་ཚུ་གི་གནད་དོན་མ་འདྲཝ་ དཔེར་ན་ དབུལ་ཕོངས་ ཕོ་མོའི་སྐོར་ལས་ ལོ་སྟོང་གོང་འཕེལ་གྱི་དམིགས་ཡུལ་དང་ རང་བཞིན་གནས་སྟངས་ལ་སོགས་པའི་ནང་ འབྲེལ་གནད་ཀྱི་ངོ་ཚབ་འབད་ནི་དང་་  རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལུ་ དུས་རྒྱུན་གྱི་སྙན་ཞུ་ཚུ་བསྡུ་སྒྲིག་འབད་ནི་ལུ་རྒྱབ་སྐྱོར་འབད་ནི།
  • ལས་ཚོགས་ཀྱི་སྡེ་ཚན་གཞན་དང་ གཞན་ལྷན་ཁག་དང་ལས་ཚན་ སྡེ་ཚན་ཚུ་དང་གཅིག་ཁར་མཉམ་འབྲེལ་འབད་ནི།
  • -ཞབས་ཏོག་དང་རྩོལ་སྒྲུབ་འབད་ཡོདཔ་ཚུ་གི་སྐོར་ལས་ ཟླ་རིམ་གསར་ཤོག་དང་་ལག་དེབ་ཚུ་པར་སྐྲུན་འབད་ནི།
  • ་སྡེ་ཚན་ཚུ་དང་གཅིག་ཁར་མཉམ་འབྲེལ་ཐོག་ བདུན་ཕྲག་གི་ལས་འཆར་ཚུ་བཟོ་སྟེ་ རྒྱལ་གཟིམ་ཡིག་ཚང་ལུ་ཕུལ་ནི།
  • སྡེ་ཚན་ཚུ་དང་གཅིག་ཁར་མཉམ་འབྲེལ་ཐོག་ ཟླ་གསུམ་གྱི་གྲུབ་འབྲས་ཚུ་ ཕྱོགས་བསྒྲིགས་འབད་དེ་ རྒྱལ་གཟིམ་ཡིག་ཚང་ལུ་ཕུལ་ནི།ལྷན་ཚོགས་ཞལ་འཛོམས་འགོ་འདྲེན་འཐབ་ནི་དང་ གྲོས་ཆོད་ཚུ་བྲིས་ནི།