བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་སྡེ་ཚན།

བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་སྡེ་ཚན།

༡ བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་སྡེ་ཚན་གྱིས་ གཤམ་གསལ་བཀོད་མི་འགན་ཁུར་ཚུ་འབགཔ་ཨིན།

༢ ལས་སྡེའི་གནས་སྡུད་ལྟེ་བ་དང་ས་གནས་ཀྱི་ཡོངས་འབྲེལ་ཚུ་བདག་སྐྱོང་དང་འཛིན་སྐྱོང་འཐབ་ནི།

༣ སྲ་ཆས་དང་མཉེན་ཆས་ཚུ་གི་དབྱེ་བ་གསལ་བཀོད་འབད་དེ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ འཆར་གཞི་དང་བཟོ་བཀོད་འབད་ནི།

༤ ནང་འཁོད་དང་ ཕྱི་ཁར་བཟོ་བཀོད་འབད་མི་ཐོན་དངོས་ མཉེན་ཆས་ཐུམ་སྒྲིལ་ཚུ་ ཡར་དྲག་གཏང་ནི་དང་རྒྱུན་སྐྱོང་འཐབ་ནི།

༥ གོ་སྐབས་ཕྱིར་སྤྲོད་འབད་བའི་ འཐོན་དངོས་ཚུ་གི་རིམ་ལུགས་ངེས་གསལ་བཟོ་བཀོད་འབད་ནི་དང་ ཁག་འབག་སྤྲོད་པའི་ ཚོང་སྡེ་གྲོས་སྟོན་ལས་སྡེ་ཚུ་དང་གཅིག་ཁར་ འདྲ་མཉམ་གྱི་འགན་ཁུར་འབག་མི་ཅིག་འབད་དགོ།

༦ ནང་འཁོད་ཡོངས་འབྲེལ་ལག་ལེན་འཐབ་མི་ཚུ་ལུ་ སྦྱོང་བརྡར་དང་གྲོགས་རམ་བྱིན་ནི།

༧ གློག་རིག་གནས་སྡུད་གཞི་མཛོད་ཚུ་ བདག་སྐྱོང་དང་རྒྱུན་སྐྱོང་འཐབ་ནི་དང་ དམིགས་གནད་ཀྱི་སྙན་ཞུ་ཚུ་བཟོ་ནི།

༨ འཕྲུལ་རིག་གོང་འཕེལ་གྱི་དོན་ལུ་ གནས་སྡུད་དབྱེ་དཔྱད་དང་ཞིབ་འཚོལ་ཚུ་འབད་ནི།