ས་ཆ་བརྡ་དོན་རིག་པའི་སྡེ་ཚན།

རྒྱབ་ཁུངས།

ས་ཆ་བརྡ་དོན་རིག་པའི་སྡེ་ཚན་འདི་ སྤྱི་ལོ་ ༡༩༨༧ ལུ་ འབྲུག་གི་ས་འཇལ་ཡིག་ཚང་མངའ་འོག་ལུ་ སླར་བྱུང་འཐོན་བསྐྱེད་དང་པར་སྐྲུན་སྡེ་ཚན་འབད་སྡོད་ནུག སྡེ་ཚན་དེ་ འཐོན་བསྐྱེད་དང་པར་བསྐྲུན་ཚུའི་ཅ་ཆས་ཚུ་ཡོད་པའི་ཁར་ སྡེ་ཚན་སྦོམ་ཤོས་ཅིག་སྦེ་སྡོད་ནུག འཕྲུལ་རིགས་གོང་འཕེལ་གྱི་འགྱུར་བ་དང་འཁྲིལ་ ཧེ་མའི་འཕྲུལ་ཆས་ཚུ་ལག་ལེན་ཉུང་ཤོས་དང་གློག་རིག་ཐོག་ཡར་སོང་ནུག

ས་ཆ་བརྡ་དོན་རིག་པའི་སྡེ་ཚན་གྱི་འགན་དབང་དང་ལཱ་གན།

འགན་དབང་།

སབ་ཁྲ་པར་སྐྲུན་དང་རྒྱལ་ཡོངས་ས་ཁྱོན་གཞི་རྟེན་གནས་སྡུད་འཛིན་སྐྱོང་།

ལཱ་གན།

༡ ཐིག་ཚད་མ་འདྲཝ་ཐོག་ས་ཆའི་དབྱིབས་ཀྱི་སབ་ཁྲ་ཚུ་ པར་སྐྲུན་འབད་ནི་ལུ་བྱ་རིམ་འཐབ་ནི།

༢ ཐིག་ཚད་མ་འདྲ་བའི་སབ་ཁྲ་ཚུ་གི་ བཟོ་རྣམ་དང་ཚད་དོན་གྱི་བཟོ་བཀོད་ བཟོ་རྟགས་ ངེས་གསལ་གནས་སྡུད་ཚུ་བཟོ་ནི།

༣ ད་ལྟོ་ཡོད་མི་ས་ཆའི་དབྱིབས་ཀྱི་གནས་སྡུད་ཚུ་དུས་མཐུན་བཟོ་ནི་དང་རྒྱུན་སྐྱོང་འཐབ་ནི།

༤ སབ་ཁྲ་འབྲི་བཀོད་ཀྱི་གནས་སྡུད་བཟོ་སྟེ་རྒྱུན་སྐྱོང་འཐབ་ནི།

༥ སབ་ཁྲ་འབྲི་བཀོད་ཀྱི་གནས་སྡུད་བཟོ་སྟེ་རྒྱུན་སྐྱོང་འཐབ་ནི།

༦ ས་དབྱིབས་དང་ ས་ཁྲ་སྣ་ཚོགས་ཀྱི་ས་ཁྲ་ཚུ་ ཨང་གནས་ཅན་དང་ སྒྲིག་བཅོས་འབད་ནི།

༧ གནས་སྡུད་གཞི་མཛོད་ནང་ ས་ཆ་རིག་པའི་ས་འཇལ་འབྲེལ་གཏུགས་ཀྱི་མིང་ཚུ་ གསརཔ་བཟོ་སྟེ་ རྒྱུན་སྐྱོང་འཐབ་ནི།

༨ ས་ཁྲ་སྣ་ཚོགས་ཀྱི་ས་ཁྲ་དང་ ས་ཁྲ་གཞན་ཚུ་ པར་སྐྲུན་དང་བསྡུ་སྒྲིག་འབད་ནི།

༩ ས་ཆ་རིག་པའི་གནས་སྡུད་ཚུ་ ལས་མགྲོན་དང་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ བཙོང་ནི་དང་ བགོ་བཤའ་རྐྱབ་བྱིན་ནི།

འཐོན་འབྲས་དང་ཞབས་ཏོག

འཐོན་འབྲས།

  • ལག་ཁྲམ་ལུ་གཞི་བཞག་པའི་ ས་ཁྲ།
  • ས་དབྱིབས་ཀྱི་གཞི་རྟེན་ས་ཁྲ།
  • ལག་ཁྲམ་དང་འཁྲལ་པའི་སབ་ཁྲ།
  • སྣ་ཚོགས་ཀྱི་ས་ཁྲ༼ལམ་སྟོན་ས་ཁྲ་ རྒྱལ་རབས་ཀྱི་ས་ཁྲ་ བརྒྱུད་འབྲེལ་ས་ཁྲ༽
  • འབྲུག་གི་སབ་ཁྲའི་དཔེ་དེབ།

ཞབས་ཏོག

  • ས་ཆ་རིགས་པའི་ཡོངས་འབྲལ་འཆར་སྒོ་གི་དོན་ལུ་ གནས་སྡུད་ཀྱི གསང་རྟགས་ བསྡུ་སྒྲིག་དང་ ཚད་ལྡན་ཚུ་ ས་ཆ་རིགས་པའི་བརྡ་དོན་ལྟེ་བ་བརྒྱུད་དེ་ བཟོ་ནི།

ལས་མགྲོན།

ནང་འཁོད། 

སའི་དབྱིབས་འཇལ་སྡེ་ཚན།

ས་ཆའི་ཆ་ཚད་བརྡ་དོན་སྡེ་ཚན།

ཁྲོམ་སྡེའི་ས་ཆ་སྡེ་ཚན།

གྲོང་གསེབ་ས་ཆ་སྡེ་ཚན།

རྒྱལ་སྤྱིའི་ས་མཚམས་ཡིག་ཚང་།

སྲིད་བྱུས་དང་འཆར་གཞི་སྡེ་ཚན།

ཕྱི་ཁའི། 

སའི་ཇོ་བདག།
ཁྲོམ་སྡེ་ཚུ།
ལྷན་ཁག/ལས་སྡེ་ཚུ།
གྲོས་སྟོན་/ལས་འགུལ་ཚུ།
བལྟ་བཤལ་རང་རྐྱང་།

སློབ་ཕྲུག་དང་ ཤེས་རིག་གཙུག་སྡེ།

ཞབས་ཏོག་སྤྲོད་ཐངས།

ས་ཁྲ་པར་སྐྲུན་སྡེ་ཚན་གྱིས་ ས་ཁྲ་དང་གནས་སྡུད་ཚུ་ སྤྲོད་ནི་དང་བཙོང་ནིའི་དོན་ལུ་ ས་འཇལ་ཡོངས་ཁྱབ་ལས་ ཚུལ་མཐུན་གནང་བ་ལེན་དགོ། གནས་སྡུད་ཀྱི་ཐད་ལུ་ མཁོ་མངག་འབད་མི་གིས་ དགོས་མཁོའི་ས་ཁོངས་ཀྱི་ཁ་གསལ་ཚུ་བྱིན་དགོཔ་ཨིན།

ས་ཁྲ་པར་སྐྲུན་སྡེ་ཚན་ལས༌ ས་ཁྲ་དང་གནས་སྡུད་ཚུ་ སྤྲོད་ནིའི་དོན་ལུ་  ས་ཁྲ་ངོ་མ་ཡང་ན་ཨང་གནས་ཅན་གྱི་ས༌ཁྲ༌འདྲ་ཚུ་ཡོད༌ག༌མེད༌ཞུ༌བ༌འབད༌མི༌ལུ༌ དེ༌དང༌འཁྲིལ༌ དང༌ལེན༌འཐབ༌དགོ།

གྲལ་གཏོགས་ལས་སྡེ་གཙོ་བོ།

༡ སའི་དབྱིབས་འཇལ་སྡེ་ཚན།

༢ ས་ཆའི་ཆ་ཚད་བརྡ་དོན་སྡེ་ཚན།