ས་ཆ་རིག་པའི་བརྡ་དོན་ལྟེ་བ།

རྒྱབ་ཁུངས།

ས་ཆ་རིག་པའི་བརྡ་དོན་རིམ་ལུགས་འདི་ སྤྱི་ལོ་༡༩༩༠ གོ་གྲངས་ལས་འགོ་བཟུང་སྟེ་ འབྲུག་ལུ་ དཔེར་ན་ ནགས་ཚལ་ལས་ཁུང་ནང་ལག་ལེན་འཐབ་ནི་བརྩི་སྟེ་ གནད་དོན་ལེ་ཤ་ནང་ འཆར་གཞི་དང་འཛིན་སྐྱོང་གི་ འཕྲུལ་རིག་ཐབས་ལམ་ཅིག་སྦེ་ལག་ལེན་འཐབ་པའི་ཤུལ་ལས་ སོ་ནམ་ལན་ཁག་གི་ ས་ཆའི་བཀོལ་སྤྱོད་འཆར་གཞི་ལས་འགུལ་འོག་ལུ་ འགོ་བཙུགས་ནུག ས་ཆའི་བརྡ་དོན་འདི་ སྤྱི་ལོ་༡༩༦༠ རེ་གྲངས་ཀྱི་ཧེ་མ་ རྒྱལ་ཡོངས་ས་ཆའི་དབྱིབས་ཀྱི་སབ་ཁྲ་བཟོ་སྐྲུན་འབད་མི་ལས་སྡེ་སྦེ་ འབྲུག་གི་ས་འཇལ་ལས་གཞི་བཙུགས་འབད་མི་དང་འབྲེལ་ ལག་ལེན་འཐབ་ནི་འགོ་བཙུགས་ནུག དུས་དེ་ལས་འགོ་འགོ་བཟུང་སྟེ་ ལས་སྡེ་གཞན་ལེ་ཤ་ནང་ ས་ཆ་རིག་པའི་བརྡ་དོན་རིམ་ལུགས་སྡེ་ཕྲན་གཞི་བཙུགས་འབད་དེ་འདུག རྒྱལ་ཁབ་ནང་ལུ་གཞི་བཙུགས་འབད་ཡོད་མི་ ས་ཆ་རིག་པའི་བརྡ་དོན་རིམ་ལུགས་ཚུ་ འདས་པའི་ངོ་ལོ་བཅུ་ཕྲག་གི་ནང་ལུ་ གོང་འཕེལ་སོང་ཡོདཔ་དང་ ད་རིས་ནངས་པ་ ས་ཆ་རིག་པའི་བརྡ་དོན་རིམ་ལུགས་འཕྲུལ་རིག་དང་ འབྲེལ་པ་ཡོད་པའི་གནས་སྡུད་དོན་ལུ་ མ་རྩ་བཙུགས་བཞག་འབདཝ་ཨིན།

སྤྱི་ལོ་༢༠༠༠ ལོར་ གཞུང་གིས་ ས་ཆ་རིག་པའི་བརྡ་དོན་རིམ་ལུགས་ཀྱི་ ཁག་ཆེ་ཧིང་མཁྱེན་ཞིནམ་ལས་ ལག་ལེན་འཐབ་མི་དང་ རིམ་ལུགས་ཚུ་གི་བར་ན་ མཉམ་འབྲེལ་ཚུལ་མཐུན་སྦེ་དགོཔ་གཟིགས་ཏེ་ གནད་དོན་སེལ་ཐབས་ལུ་ གཙུག་སྡེ་དང་འཕྲུལ་རིག་གི་བདེ་སྒྲིག་བཟོ་དགོ་པའི་བཀའ་རྒྱ་གནང་ནུག གཞུང་གིས་ ས་ཆ་རིག་པའི་བརྡ་དོན་རིམ་ལུགས་འགོ་འདྲེན་གྱི་འགན་དབང་འདི་ འཆར་གཞི་ལྷན་ཚོགས་ཡིག་ཚང་འོག་ལུ་ རྩིས་དཔྱད་ལས་སྡེ་ལྟེ་བའི་ནང་འཁོད་ ལག་ལེན་འབཐ་མི་ལས་སྡེ་ཚུ་ལས་་ངོ་ཚབ་ཚུ་བསྡོམས་ཏེ་ ལས་བྱེད་ཚོགས་ཆུང་ཅིག་འབད་དེ་ རྒྱལ་ཡོངས་ས་ཆ་རིག་པའི་བརྡ་དོན་རིམ་ལུགས་འགོ་འདྲེན་ལྟ་བའི་ལས་སྡེ་འགོ་བཙུགས་ནུག ཡིག་ཚང་དེ་ རྒྱལ་ཁབ་ནང་ལུ་ རིམ་གྱིས་འབད་ གོང་འཕེལ་འགྱོ་བའི་ རྒྱལ་ཡོངས་ཀྱི་ ས་ཆ་རིག་པའི་བརྡ་དོན་རིམ་ལུགས་རྟེན་གཞི་ཚུ་དང་འབྲེལ་བའི་ དཀའ་ངལ་ཚུ་སེལ་ཐབས་ལུ་ གཞི་བཙུགས་འབད་ནུག ཡིག་ཚང་དེ་གིས་ གསར་བཏོད་ལེ་ཤ་རང་འགོ་འདྲེན་འཐབ་ཡོད་རུང་ ལས་སྡེའི་འགན་དབང་ངོ་མ་དང་གཅིག་ཁར་ འབྲེལ་བ་མེདཔ་སྦེ་མཐོང་ཞིནམ་ལས་ འཇོན་ཐངས་ཅན་སྦེ་མཉམ་འབྲེལ་འཐབ་མིའི་ འདུ་ཚོགས་སྦེ་འཐོན་མ་ཚུགས་པས།

ཨིན་རུང་ སྤྱི་ལོ་༢༠༠༣ ལུ་ གཞུང་གི་གཞི་བསྒྱུར་མཛད་མི་དང་འབྲེལ་ རྩིས་དཔྱད་ལས་སྡེ་ལྟེ་བ་དེ་ འཆར་གཞི་ལྷན་ཚོགས་ལས་སོ་སོ་སྦེ་བཏོན་ཏེ་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གཞི་བཙུགས་འབད་ནུག དེ་གི་ཤུལ་ལས་རང་  སྤྱི་ལོ་༢༠༠༣ ཟླ་༡༡ པའི་ནང་ བློན་པོའི་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ས་ཆ་རིག་པའི་བརྡ་དོན་རིམ་ལུགས་རྟེན་གཞི་འགོ་འདྲེན་འཐབ་ནིའི་འགན་ཁུར་དེ་ སོ་ནམ་ལྷན་ཁག་འོག་གི་ ས་འཇལ་དང་ས་ཁྲམ་ལས་ཁུངས་དང་གཅིག་ཁར་བཞག་དགོ་པའི་བཀའ་རྒྱ་གནང་ནུག དེ་འབདཝ་ལས་བརྟེན་ཏེ་ ལཱ་འགན་འགྲུབ་ནིའི་དོན་ལས་ ས་འཇལ་དང་ས་ཁྲམ་ལས་ཁུངས་ཀྱི་འོག་ལུ་ ཚུལ་མཐུན་གྱི་གཙུག་སྡེའི་བདེ་སྒྲིག་བཟོ་སྟེ་ ས་ཆ་རིག་པའི་བརྡ་དོན་འགོ་འདྲེན་ལྟེ་བ་ཟེར་སྡེ་ཕྲན་ཅིག་གཞི་བཙུགས་འབད་ནུག ད་གི་ལཱ་འགན་ངོ་མ་རང་ ས་ཆ་རིག་པའི་བརྡ་དོན་དང་འབྲེལ་བའི་ལས་སྣ་ག་ར་ འགོ་འདྲེན་འཐབ་མི་ཚོགས་ཆུང་ཅིག་ རྒྱལ་ཡོངས་ཀྱི་གནས་ཚད་ཁར་ འབྲུག་ནང་འཁོད་ལུ་ ས་ཆ་རིག་པའི་བརྡ་དོན་རིག་པའི་རྟེན་གཞི་དོན་ལས་ ཐབས་བྱུས་དང་འཆར་གཞི་ལས་རིམ་ཚུ་ལག་ལེན་འཐབ་ནིའི་དོན་ལུ་ གཞི་བཙུགས་འབད་ནུག

ས་ཆ་རིག་པའི་བརྡ་དོན་འགོ་འདྲེན་ལྟེ་བའི་ལཱ་འགན།

༡ རྒྱལ་ཡོངས་ས་ཆ་རིག་པའི་བརྡ་དོན་རིམ་ལུགས་མཉམ་འབྲེལ་ཚོགས་ཆུང་གི་ དྲུང་ཆེན་ཡིག་ཚང་གི་ལཱ་འགན་འབག་ནི།

༢ རྒྱལ་ཡོངས་ཀྱི་ ས་ཆ་རིག་པའི་བརྡ་དོན་རིམ་ལུགས་གནས་སྡུད་མཛད་ཁང་ བརྒྱུན་སྐྱོང་འཐབ་ནི།

༣ འབྲུག་ནང་འཁོད་ཀྱི་ ས་ཆ་རིག་པའི་བརྡ་དོན་རིམ་ལུགས་ལག་ལེན་འཐབ་མི་མི་སྡེ་ལུ་ ཉམས་མྱོང་ཐོབ་ནིའི་དོན་ལུ་ གོ་བསྡུར་ཞལ་འཛོམས་དང་ གྲོས་འཛོམས་ཚུ་འགོ་འདྲེན་འཐབ་ནི།

༤ ས་གཞི་རྒྱ་ཁྱོན་གནས་སྡུད་ གསར་མཐོང་དང་ ཁྱབ་སྤེལ་ གོང་འཕེལ་གཏང་ནི།

༥ ས་ཆ་རིག་པའི་བརྡ་དོན་རིམ་ལུགས་ལག་ལེན་འཐབ་མི་ཚུ་ལུ་ འཕྲུལ་རིག་གི་རྒྱབ་སྐྱོར་འཚོལ་སྒྲུབ་འབད་དེ་སྤྲོད་ནི་དང་ དེ་སྦེ་འབད་ནིའི་དོན་ལས་ ལྕོགས་གྲུབ་གོང་འཕེལ་གཏང་ནི།

༦ དུས་ཐོག་ལུ་ རྒྱལ་ཡོངས་ས་ཆ་རིག་པའི་བརྡ་དོན་རིམ་ལུགས་མཉམ་འབྲེལ་ཚོགས་ཆུང་དང་ གཞན་ལས་བྱེད་སྡེ་ཚན་གྱི་ཞལ་འཛོམས་འགོ་འདྲེན་འཐབ་ནི།

༧ མཉམ་འབྲེལ་འབད་མི་སྡེ་ཕྲན་གྱིས་ ས་ཆ་རིག་པའི་བརྡ་དོན་རིམ་ལུགས་ཀྱི་མཉེན་ཆས་བགོ་བཀྲམ་དང་ ལག་ལེན་བལྟ་རྟོག་འབད་དེ་ ལག་ལེན་མཐིལ་ཕྱིན་སྦེ་འཐབ་ཡོད་ངེས་གཏན་བཟོ་ནིའི་དོན་ལུ་ རྒྱལ་ཡོངས་ས་ཆ་རིག་པའི་བརྡ་དོན་རིམ་ལུགས་མཉམ་འབྲེལ་ཚོགས་ཆུང་ལུ་ ཐབས་ལམ་གྱི་རྒྱབ་སྣོན་ཚུ་ སྙན་ཞུ་འབད་ནི།

རྒྱལ་ཡོངས་ས་ཆ་རིག་པའི་བརྡ་དོན་རིམ་ལུགས་མཉམ་འབྲེལ་ཚོགས་ཆུང་གི་ལཱ་འགན།

༡ འོས་འབབ་ལྡན་པའི་སྲིད་བྱུས་དར་ཁྱབ་གཏང་སྟེ་ བྱ་སྟབས་བདེ་བའི་གཞི་བཀོད་བཟོ་ནི།

༢ འབྲུག་ལུ་ རྒྱལ་ཁབ་ཡོངས་རྫོགས་ཀྱི་ ས་ཆ་རིག་པའི་བརྡ་དོན་རིམ་ལུགས་རྟེན་གཞི་ཚུ་ ལག་ལེན་འཐབ་ནི་ལུ་དམིགས་ཏེ་ ཐབས་བྱུས་དང་ འཆར་གཞི་ ལས་རིམ་ཚུ་བཟོ་ནི་ནང་ མཉམ་འབྲེལ་ཚོགས་ཆུང་གལ་ཅན་གྱི་ལཱ་འགན་འབག་ནི།

༣ ས་ཆ་རིག་པའི་བརྡ་དོན་གྱི་གནད་དོན་གུར་ སྲིད་བྱུས་ཀྱི་རྒྱབ་སྣོན་ཚུ་བཏོན་ནི།

༤ ས་ཆ་རིག་པའི་བརྡ་དོན་རིམ་ལུགས་འགོ་འདྲེན་ལྟེ་བ་ལུ་ འཕྲུལ་རིག་དང་གནད་དོན་གཞན་ དཔེར་ན་ གནས་སྡུད་ཚད་གཞི་དང་ གནས་སྡུད་བརྗེ་སོར་ ཐབས་ལམ་དཀའ་ངལ་ཚུ་སེལ་ནིའི་ འགན་དབང་སྤྲོད་ནི།

༥ ས་ཆ་རིག་པའི་བརྡ་དོན་རིམ་ལུགས་འགོ་འདྲེན་ལྟེ་བ་དང་ ས་ཆ་རིག་པའི་བརྡ་དོན་རིམ་ལུགས་ལག་ལེན་འཐབ་མི་ མི་སྡེ་ལུ་ དགོས་མཁོའི་རྒྱབ་སྐྱོར་དང་ ལམ་སྟོན་བྱིན་ནི།

ཐབས་རིག་ལས་བྱེད་ཚོགས་ཆུང་།

ཐབས་རིག་ལས་བྱེད་ཚོགས་ཆུང་འདི་ ཉིན་བསྟར་ཞིན་དུ་ རིམ་ལུགས་ལག་ལེན་འཐབ་ནི་ནང་འབྲེལ་བ་ཡོད་མི་དང་ རིམ་ལུགས་གི་མགུ་ཟིང་བའི་ཁ་གསལ་ཤེས་མི་ འཕྲུལ་རིག་པ་ཙང་ཙ་ བསྡོམས་བཟོ་ཡོད། སྡེ་ཚན་འདི་ནང་ ས་ཆ་རིག་པའི་བརྡ་དོན་རིམ་ལུགས་གཞི་བཙུགས་འབད་དེ་ལཱ་འབད་མི་ག་ར་ལས་ ངོ་ཚབ་ཚུ་ཡོདཔ་ད་ རྒྱལ་ཡོངས་ས་ཆ་རིག་པའི་བརྡ་དོན་རིམ་ལུགས་མཉམ་འབྲེལ་ཚོགས་ཆུང་གི་ གནང་བ་དང་འཁྲིལ་ཏེ་ དུས་ཀྱི་དགོས་མཁོ་དང་བསྟུན་ ས་ཆ་རིག་པའི་བརྡ་དོན་རིམ་ལུགས་ཀྱི་ཐབས་རིག་ལས་བྱེད་ཚོགས་ཆུག་གཞི་བཙུགས་འབད་ཆོག

ཐབས་རིག་ལས་བྱེད་ཚོགས་ཆུང་གི་ལཱ་འགན།

༡ འབྲུག་ནང་འཁོད་ཀྱི་ ་ས་ཆ་རིག་པའི་བརྡ་དོན་རིམ་ལུགས་ལག་ལེན་འཐབ་མི་ མི་སྡེ་གི་འཕྲུལ་རིག་ཁྱད་ཆོས་ཚུ་གི་ དགོས་མཁོ་འགྱུར་བ་ཚུ་ དུས་བརྒྱུན་ བལྟ་རྟོག་འབད་ནི།

༢ ཚུལ་མཐུན་གྱི་ གནས་སྡུད་ཀྱི་ཚད་གཞི་དང་ གནས་སྡུད་དཔེ་རིས་ཚུ་ ཚད་ལྡན་སྦེ་ཡོདཔ་ངེས་གཏན་བཟོ་ནིའི་འགན་འཁྲི་འབད་ནི།

༣ ས་གཞི་རྒྱ་ཁྱོན་གནས་སྡུད་ ཡོངས་འབྲེལ་ཐོག་ལས་ ཁྱབ་སྤེལ་འབད་ནིའི་དོན་ལུ་ ཡོངས་འབྲེལ་གྱི་རྟེན་གཞི་ལངམ་སྦེ་སྤྲོད་ནི་ལུ་ རྒྱབ་སྣོན་འབད་ནི།

ས་ཆ་རིག་པའི་བརྡ་དོན་རིམ་ལུགས་འགོ་འདྲེན་ལྟེ་བའི་ འཐུས་མི་ལས་སྡེ་ཚུ་ཡང་།

༡ རྒྱལ་ཡོངས་ས་ཆ་ལྷན་ཚོགས།
༢ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས།
༣ ཞབས་ཏོག་ལྷན་ཁག
༤ ཐིམ་ཕུག་ཁྲོམ་སྡེ།
༥ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས།
༦ བརྡ་དོན་དང་འཕྲུལ་རིག་ལས་ཁུངས་ བརྡ་དོན་བརྒྱུད་འབྲེལ་ལྷན་ཁག
༧ ཆུར་བརྟེན་གློག་མེ་དང་ ནུས་ཤུགས་རིམ་ལུགས་ལས་ཁུངས་ བསྟན་རྒྱས་ལྷན་ཁག
༨ གནམ་ཤེས་བརྟག་དཔྱད་ཞབས་ཏོག བསྟན་རྒྱས་ལྷན་ཁག
༩ ས་གཏེར་དང་གཏེར་རྫས་ལས་ཁུངས་ བསྟན་རྒྱས་ལྷན་ཁག
༡༠ ཤེས་རིག་ལྷན་ཁག
༡༡ རྒྱལ་གཞུང་རྩིས་ཞིབ་དབང་འཛིན།
༡༢ འབྲུག་གི་བཙག་འཐུ་ལྷན་ཚོགས།
༡༣ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན།
༡༤ འབྲུག་གློག་མེ་ལས་འཛིན།
༡༥ འབྲུག་བརྒྱུད་འཕྲིན་ཚད་འཛིན།
༡༦ རྒྱལ་ཡོངས་སའི་ཞབས་ཏོག་ལྟ་བ་ སོ་ནམ་དང་ནགས་ཚལ་ལྷན་ཁག
༡༧ ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་ སོ་ནམ་དང་ནགས་ཚལ་ལྷན་ཁག
༡༨ ནགས་ཚལ་འཐོན་ཁུངས་འཛིན་སྐྱོང་སྡེ་ཚན་ སོ་ནམ་དང་ནགས་ཚལ་ལྷན་ཁག
༡༩ རྒྱལ་ཡོངས་སེམས་ཅན་འཕྲོད་སྟོན་ལྟེ་བ་ གསར་སྦིས་ཐང་ སོ་ནམ་དང་ནགས་ཚལ་ལྷན་ཁག
༢༠ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག
༢༡ འཛམ་གླིང་རི་དྭགས་མ་དངུལ།
༢༢ རྒྱལ་འཛིན་རང་བཞིན་སྲུང་སྐྱོབ།
༢༣ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ཚད།
༢༤ གསོ་བའི་ལྷན་ཁག
༢༥ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ།
༢༦ རང་བཞིན་འཐོན་ཁུངས་མཐོ་རིམ་སློབ་གྲྭ། བློ་སྦིས་ས།
༢༧ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ། བཀང་ལུང་།
༢༨ ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭ། ཕུན་ཚོགས་གླིང་།
༢༩ འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭ། བདེ་བ་ཐང་།
༣༠ རྒྱལ་འཛིན་མཐོ་རིམ་སློབ་གྲྭ།