ས་ཆའི་དབྱིབས་འཇལ་སྡེ་ཚན།

རྒྱབ་ཁུངས།

ས་ཆའི་དབྱིབས་འཇལ་སྡེ་ཚན་འདི་ ས་གཞི་རྒྱ་ཁྱོན་རྩིས་རིག་ས་འཇལ་ལས་སྡེ་ཅིག་ཨིནམ་ད་ རྒྱལ་ཡོངས་ས་ཁྱོན་གནས་སྡུད་རྟེན་གཞི་བཟོ་མི་ངོ་མ་ཅིག་ཨིནམ་ལས་ རྒྱལ་ཡོངས་གནམ་མཚམས་དང་ ཡར་མར་གྱི་གནས་སྡུད་ འོས་མཐུན་བཟོཝ་མ་ཚད་ ས་འཇལ་ཐབས་ལམ་དང་ འཕྲུལ་རིག་གཏན་འཁེལ་དང་ རྩ་རྟེན་ཡོདཔ་ངེས་བརྟན་བཟོ་སྟེ་ ས་གཞི་རྒྱ་ཁྱོན་གནས་སྡུད་དང་ ས་ཆའི་དབྱིབས་ཀྱི་གནས་སྡུད་གཞི་རྩ་ དུས་མཐུན་དང་གཏན་འཁེལ་ཡོདཔ་བཟོཝ་ཨིན།

ས་ཆའི་དབྱིབས་འཇལ་སྡེ་ཚན་གྱི་ འགན་དབང་དང་ལཱ་འགན།

འགན་དབང་།

ས་ཆའི་དབྱིབས་དང་འབྲེལ་བའི་ལཱ་དང་ ས་གཞི་རྒྱ་ཁྱོན་གྱི་ ས་ཆའི་དངོས་གཞི་གི་ས་འཇལ་ ས་འཇལ་ཅ་ཆས་ཚུ་ འཇལ་ཚད་སྒྲིག་མཐུན་བཟོ་ནི།

ལཱ་འགན།

༡   རྒྱལ་ཡོངས་ཀྱི་མཚམས་རྟགས་རིམ་ལུགས་ གཏན་འབེབ་དང་བརྒྱུན་སྐྱོང་འཐབ་ནི།

༢   གནམ་མཚམས་དང་ཡར་མར་གྱི་ རྒྱལ་ཡོངས་ས་གཞི་རྒྱ་ཁྱོན་གྱི་སྦྲེལ་མཐུད་གཞི་བཙུགས་འབད་དེ་ འོས་མཐུན་བཟོ་སྟེ་ བསྡུ་གསོག་འབད་ནི།

༣   གནས་རིམ་ དང་པ་དང་ གསུམ་པའི་ ཚད་འཛིན་ མཚམས་རྟགས་ཚུ་བཀལ་ནི།

༤   ས་ཆའི་དབྱིབས་འཇལ་ (ས་ཆའི་ཆགས་རབས་པར་ལེན་དང་ རྒྱང་རིང་ཤེས་ཚོར་ ས་ཐོག་གི་ས་འཇལ་) འགོ་འདྲེན་འཐབ་ནི།

༥  ས་གཞི་རྒྱ་ཁྱོན་གནས་སྡུད་གཞི་རྩ་ དུས་མཐུན་བཟོ་ནི།

༦  བདག་སྐྱོང་གི་ས་མཚམས་བཀལ་ནི་དང་ རྒྱལ་སྤྱི་ས་མཚམས་ཡིག་ཚང་ལུ་ འཕྲུལ་རིག་གི་རྒྱབ་སྐྱོར་བྱིན་ནི།

༧  ས་འཇལ་འཕྲུལ་ཆས་ཐོ་བཀོད་དང་ འཇལ་ཚད་སྒྲིག་མཐུན་བཟོ་ནི།

༨  གླ་འཐུས་ལེན་ཐོག་ ས་གཞི་རྒྱ་ཁྱོན་གྱི་ལཱ་འགོ་འདྲེན་འཐབ་ནི།

༩  འཕྲུལ་སྐར་སྣང་བརྙན་དང་ གནམ་ཐོག་དང་ས་ཐོག་གི་པར་ཚུ་ མཁོ་སྒྲུབ་དང་བྱ་རིམ་འཐབ་ནི།

༡༠  ས་འཇལ་དང་སབ་ཁྲ་བཟོ་བཀོད་ཀྱི་ ཚད་ལྡན་གྱི་འཕྲུག་རིག་གྲོས་སྟོན་བྱིན་ནི།

 

འཐོན་འབྲས་དང་ ཞབས་ཏོག

འཐོན་འབྲས།

  • ཡང་ཡིག་ཅན་གྱི་ ས་ཆའི་དབྱིབས་ཀྱི་སབ་ཁྲ།
  • ས་ཐོག་གི་ཚད་འཛིན་མཚམས་རྟགས།
  • མཐོ་ཚད་བརྡ་རྟགས།
  • ཡང་ཡིག་མཐོ་ཚད་ལམ་ལུགས།
  • བརྗོད་གཞི་ལྡན་པའི་ས་ཆའི་དབྱིབས་ཀྱི་སབ་ཁྲ།
  • སྣང་བརྙན་སབ་ཁྲ།
  • ཇི་ཨེན་ཨེསི་ཨེསི་ གནས་སྡུད།

ཞབས་ཏོག

  • ས་གཞི་རྒྱ་ཁྱོན་རྩིས་རིག་གི་ས་འཇལ།
  • ས་ཆའི་དབྱིབས་འཇལ་ནི།
  • འཕྲུལ་ཆས་ས་འཇལ་ཚད་མཐུན་སྒྲིག་བཟོ་ནི།
  • ས་ཐོག་གི་ཚད་འཛིན་མཚམས་རྟགས་བཀལ་ནི།
  • མཐོ་ཚད་ཀྱི་གཞི་རྟེན་ས་གོ།
  • བདག་སྐྱོང་འབྲེལ་བའི་ས་མཚམས་བཀལ་ནི།
  • ས་གཞི་རྒྱ་ཁྱོན་དང་ ས་ཆའི་དངོས་གཞི་གི་ས་འཇལ།
  • ས་ཆའི་དབྱིབས་འཇལ་ནི།
  • བཟོ་རིག་གི་ས་འཇལ་འབད་ནི།
  • ས་ཆའི་ཆགས་པབས་པར་ལེན་བྱ་རིམ་འཐབ་ནི།
  • ས་ཆའི་དབྱིབས་དང་ བརྗོད་གཞི་ལྡན་མི་ ཨོར་ཐོ་ཕོ་ཊོ།

ལས་མགྲོན་པ།

ནང་འཁོད།

༡ ཡིག་ཚང་ནང་འཁོད་ཀྱི་སྡེ་ཚན་ཚུ།

༢  རྒྱལ་སྤྱི་ས་མཚམས་ཡིག་ཚང་།

༣  རྫོང་ཁག་དང་ཁྲོམ་སྡེ་ཚུ།

ཕྱི་ཁའི་ལས་མགྲིན།

༡ ལྷན་ཁག་ག་ར་དང་།
༢ འབྲུག་སླར་འབྱུར་གློག་མེ་འས་འཛིན།
༣ ཆུར་བརྟེན་གློག་མེ་ཞབས་ཏོག་སྡེ་ལས་ཁུངས།
༤ རྐྱེན་ངན་འཛིན་སྐྱོང་ལས་ཁུངས།

༥ འབྲུག་གི་བཙག་འཐུ་ལྷན་ཚོགས།
༦ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན།

༧ ས་ཇོ་རང་རྐྱང་།

གྲལ་གཏོགས་ཅན་གྱི་ལས་སྡེ་གཙོ་བོ།

༡ ནང་འཁོད་ཀྱི་ལས་ཁུངས་དང་སྡེ་ཚན།

༢ ས་གནས་ཀྱི་གཞུང་།

༣ ཁྲིམས་ཀྱི་འདུན་ས།

༤ ངན་ལྷད་བཀག་བསྡོམས་ལྷན་ཚོགས།

༥ རྒྱལ་གཞུང་འབྲུག་གི་འགག་སྟེ།