མི་སྟོབས་སྡེ་ཚན།

མི་སྟོབས་སྡེ་ཚན།

མི་སྟོབས་སྡེ་ཚན་འདི་ འབྲུག་གི་ཞི་གཡོག་བཅའ་ཁྲིམས་ སྤྱི་ལོ་ ༢༠༡༠ཅན་མ་དང་ འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་སྤྱི་ལོ་ ༢༠༡༨་ཅན་མའི་ལམ་སྟོན་ཐོག་ལས་ ཞབས་ཏོག་ཚུ་སྤྲོད་ནིའི་འགན་ཁུར་ཕོགཔ་ཨིནམ་ད་ མི་སྟོབས་སྡེ་ཚན་གྱིས ལཱ་འགན་ངོ་མ་རང་ ལྷན་ཚོགས་ཡིག་ཚང་དང་རྫོང་ཁག་ དྲུང་ཁག་གི་མི་སྟོབས་འཛིན་སྐྱོང་དང མི་སྟོབས་གོང་འཕེལ་གཏང་ནི་ཚུ་ཨིན།

མི་སྟོབས་འཛིན་སྐྱོང་གི་ཡན་ལག་ཨིན་པའི་ཆ་ལས མི་སྟོབས་སྡེ་ཚན་གྱིས་འབད་དགོཔ་ཚུ་ཡང་།

  • ལས་གཡོགཔ་གོང་འཕེལ་གྱི་སྲིད་བྱུས་བརྩམས་ནི།
  • ལྷན་ཚོགས་ཡིག་ཚང་དང་རྫོང་ཁག་ དྲུང་ཁག་གི་ནུས་སྟོབས་དང་ ལས་བྱེད་པའི་སྒྲིག་བཀོད་གོང་འཕེལ་/བསྐྱར་ཞིབ་འབད་ནི།
  • མི་སྟོབས་དགོས་མཁོའི་དམིགས་ཚད་དང་ གསར་བཙུགས་ཀྱི་འཆར་གཞི་བཟོ་ནི།
  • དགོས་མཁོ་དང་འཁྲིལ ལས་བྱེདཔ་གསར་བཙུགས་དང་གདམ་འཐུ་ འགོ་འདྲེན་འཐབ་ནི།
  • དུས་ཚོད་ཁར་གོ་གནས་ཡར་སེང་གི་གྲོས་འཆར་ བསྐྱར་ཞིབ་དང་བྱ་རིམ་འཐབ་ནི།
  • ལས་སྡེའི་ནང་འཁོད་གནས་སོར་གཏང་ནིའི་ལྷན་ཐབས་འབད་ནི།

མི་སྟོབས་གོང་འཕེལ་གྱི་ལཱ་འགན:

  • རྒྱལ་ཁབ་ཕྱི་ནང་གཉིས་ཆ་རའི་ནང་ སྦྱོང་བརྡར་བྱིན་ནི་གཙོས་པའི་ མི་སྟོབས་གོང་འཕེལ་གྱི་འཆར་གཞི་བཟོ་ནི
  • ཡུན་རིང་གི་སྦྱོང་བརྡར་དང་ རྒྱལ་ཁབ་ཕྱི་ཁ་ལས་ཕར་འཐུས་ཚོགས་སྦེ་གཏང་ནི།
  • མི་སྟོབས་གོང་འཕེལ་འཆར་གཞི་ཚུ་ བསྟར་སྤྱོད་འབད་དེ་ བལྟ་རྟོགས་དང་དབྱེ་ཞིབ་འབད་ནི།
  • འཆར་གཞི་ལྷན་ཚོགས་དང་ དངུལ་རྩིས་ལྷན་ཁག་གཅིག་ཁར་འབྲེལ་བ་འཐབ་སྟེ་ མི་སྟོབས་གོང་འཕེལ་གྱི་འཆར་གཞི་ཚུ་ རྒྱལ་ཡོངས་ཀྱི་འཆར་གཞི་དང་ འཐོན་བསྐྱེད་བསྡུ་སྒྲུབ་ཚུ་དང་ངེས་བརྟན་འཁྲིལ་ཡོདཔ་བཟོ་ནི།
  • རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ ལས་སྡེ་/རྫོང་ཁག་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ནི།