ས་ཆ་འཛིན་སྐྱོང་སྡེ་ཚན།

རྒྱབ་ཁུངས།

ས་ཆ་འཛིན་སྐྱོང་སྡེ་ཚན་འདི་ས་ཆ་བདག་སྐྱོང་དང་འཛིན་སྐྱོང་ལས་ཁུངས་ཀྱི་འོག་ལུ་སྡེ་ཚན་གསརཔ་ཅིག་སྦེ་གཞི་བཙུགས་འབད་ནུག།སྡེ་ཚན་འདི་གཞི་བཙུགས་མ་འབད་བའི་སྔ་གོང་ལུ་ས་ཆ་འཛིན་སྐྱོང་དང་འབྲེལ་བའི་ལཱ་ཚུ་ཁྲོམ་སྡེ་ས་ཆ་སྡེ་ཚན་དང་གྲོང་གསེབ་ས་ཆ་སྡེ་ཚན་གཉིས་ཀྱི་འགན་འཁྲི་འབག་ཡོདཔ་ཨིན་མས།

སྡེ་ཚན་འདི་གི་ས་ཚབ་དང་ས་ཆ་གླར་སྤྱོད་དེ་ལས་ས་ཆ་བརྗེ་སོར་གྱི་ཞབས་ཏོག་ཚུ་བྱིནམ་ཨིན། ཨིན་རུང་ ཧེ་མ་འབད་བ་ཅིན་ ས་ཆ་གླར་སྤྱོད་དང་འབྲེལ་བའི་ལཱ་དང་ཞབས་ཏོག་ཚུ་སྲིད་བྱུས་དང་འཆར་གཞི་སྡེ་ཚན་དང་ (CID) གི་འོག་ལུ་ཨིན་མས།

ས་ཆ་འཛིན་སྐྱོང་གི་འགན་དབང་དང་ལཱ་འགན།

འགན་དབང་།

རྒྱལ་ཁབ་ནང་གི་ཁྲོམ་སྡེ་དང་གྲོང་གསེབ་ས་ཆ་ཡོངས་རྫོགས་འཛིན་སྐྱོང་འཐབ་ནི།

ལཱ་འགན།

  • ཁྲམ་བཀོད་གྲུབ་པའི་ས་ཆ་གཞུང་གི་ཐུགས་མཁོར་བཞེས་ནིའི་དོན་ལུ་ལཱ་འབད་ནི་།
  • གཞུང་གི་ཐུགས་འཁོར་བཞེས་མི་ས་ཆའི་ རྒུད་འཐུས་ཚུ་སྤྲོད་ནི།
  • ཁྲམ་བཀོད་གྲུབ་པའི་ས་ཆགཞུང་དབང་ནགས་ཚལ་དང་བརྗེ་སོར་འབད་ནི།
  • ས་ཚབ་ཐོབ་སྐལ་ཚོགས་ཆུང་གི་ཞལ་འཛོམས་ཚུ་འགོ་འདྲེན་འཐབ་ནི།
  • ས་ཚབ་ཐོབ་སྐལ་ཚོགས་ཆུང་ཞལ་འཛོམས་ཀྱི་གྲོས་ཆོད་ཚུ་ལག་ལེན་འཐབ་ནི།
  • རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གི་ཞལ་བཀོད་ཚུ་ལག་ལེན་འཐབ་ཐོག་ལས་ལཱ་འབད་ནི།

གྲུབ་འབྲས་དང་ཞབས་ཏོག་གལ་ཅན།

གྲུབ་འབྲས།

  • ལག་ཁྲམ་ཚུ་པར་སྐྲུན་འབད་དེ་ས་ཇོ་ལུ་སྤྲོདཔ་ཨིན།
  • གྲོང་གསེབ་དང་རྫོང་ཁག་དྲུང་ཁག་རྒེད་འོག་གི་ཕྱག་གཞག་ས་ཁྲམ་འདྲ་བཟོ་སྟེ་གཏངམ་ཨིན།

ཞབས་ཏོག།

  • ས་ཆ་སྤྲོད་ལེན་ཚུ་འབདཝ་ཨིན།
  • ས་ཚབ་དང་ས་ཆ་བརྗེ་སོར་གྱི་གནང་བ་ཐོབ་མི་ཚུ་ལུ་ལག་ཁྲམ་སྤྲོདཔ་ཨིན།
  • ས་ཆ་གླར་སྤྱོད་ཀྱི་ལག་ཁྲམ་སྤྲོདཔ་ཨིན།
  • གཞུང་གི་ཐུགས་འཁོར་བཞེས་ནི་ཨིན་མིའི་སྒེར་གྱི་ས་ཆ་ཚུ་རྒྱལ་ཁམས་ཀྱི་ཁེ་ཕན་གྱི་དོན་ལུ་སྤྲོད་ཐངས་ཀྱི་ལཱ་འབད་ནི།
  • ས་ཚབ་དང་རྒུད་འཐུས་སྤྲོད་ཐངས་ཀྱི་ལཱ་འབད་ནི།
  • ཁྲམ་བཀོད་གྲུབ་པའི་ས་ཆགཞུང་དབང་ནགས་ཚལ་དང་བརྗེ་སོར་འབད་ནི།
  • ཞུང་གི་ལས་སྡེ་དང་དགེ་རབ་གྲ་ཚང་གི་དོན་ལུ་ས་ཆ་སྤྲོད་ལེན་གྱི་ལཱ་འབད་ནི།
  • སྒེར་གྱི་ས་ཆ་རང་གཞིན་རྐྱེན་ངན་གྱིས་གནོད་པ་བྱུང་ཡོད་མི་ཚུ་གཞུང་དབང་ནགས་ཚལ་དང་བརྗེ་སོར་གྱི་དོན་ལུ་ལཱ་འབད་ནི།

ལས་མགྲོན།

ནང་འཁོད་ཀྱི་ལས་མགྲོན།

  • CID (ཁྲམ་དང་གཅིག་ཁར་སབ་ཁྲ་འདི་སྡེ་ཚན་འདི་གི་པར་སྐྲུན་འབད་ནིའི་གན་ཁུར་འབག་ནི།
  • ཁྲིམས་དོན་སྡེ་ཚན་་༼ཁྲམ་གྱི་ཁ་གསལ་ཚུ་ཁྲིམས་ཐུན་གྱི་ཞིབ་སྤྱོད་འབད་བའི་སྐབས་བྱིན་དགོཔ་ཨིན།
  • གྲོང་གསེབ་ས་ཆ་སྡེ་ཚན་༼ཕྱག་བཞག་ས་ཁྲམ་ཚུ་དུས་མཐུན་བཟོ་ནིའི་དོན་ལུ་འདྲ་བཟོ་སྟེ་བྱིན་དགོ༽
  • ཁྲོམ་སྡེ་ས་ཆ་སྡེ་ཚན།
  • རྫོང་ཁག།
  • ཁྲོམ་སྡེ།
  • དྲུང་ཁག།
  • རྒེད་འོག།
  • སོ་ནམས་དང་ནགས་ཚལ་ལྷན་ཁག།
  • ཞབས་ཏོག་ལྷན་ཁག།
  • བསྟན་རྒྱས་ལྷན་ཁག།

ཕྱི་ཁའི་ལས་མགྲོན།

  • ཁྲམ་འཆང་མི

འབྲལ་ཡོད་ལས་སྡེ་གཙོ་ཅན།

  • ཁྲིམས་ཁང་།
  • སོ་ནམས་དང་ནགས་ཚལ་ལྷན་ཁག།
  • རྫོང་ཁག།
  • དྲུང་ཁག།
  • རྒེད་འོག།
  • དངུལ་འབྲེལ་གཙུག་སྡེ།
  • སྲོལ་འཛིན་ལྷན་ཁག།