རྒྱལ་ཡོངས་གཞིས་ཆགས་ལས་རིམ།

རྒྱབ་ཁུངས།

གྲོང་གསེབ་ས་ཁོངས་ནང་ལས་ཕར་ དབུལ་ཕོངས་ཀྱི་དཀའ་ངལ་འཐོན་དགོ་པའི་ རྒྱུ་རྐྱེན་གཙོ་བོ་ཅིག་ས་ཆ་མེདཔ་ལས་བརྟེན་ཨིན། འབྲུག་རྒྱལ་ཁབ་ནང་ གྲོང་གསེབ་ཀྱི་མི་སེར་མང་ཤོས་ཅིག་ རང་སོའི་འཚོ་བ་གཙོ་བོ་ར་ སོ་ནམ་དང་འབྲེལ་བའི་ལས་སྣ་ཚུ་ལུ་བརྟེན་སྡོདཔ་ཨིནམ་ད་ ལྷག་པར་དུ་མི་སེར་སྤྱང་ཀ་ཚུ་ དུས་རྒྱུན་དུ་དབུལ་ཕོངས་ཀྱི་དཀའ་ངལ་འཐོན་ནིའི་ ཉེན་ཅན་ཅིག་སྦེ་ཡོདཔ་ད་ དེ་ཡང་ ས་ཆ་ལངམ་སྦེ་མེད་པའི་ཁར་ ཐུན་མོང་གི་ཐོག་ཚུ་ལུ་བརྟེན་སྡོད་དགོ་ནི་དེ་གིས་ཨིན།

དེ་བཟུམ་མའི་གནས་སྟངས་དེ་གིས་ ས་ཆའི་བདག་དབང་དང་བཀག་འཛིན་ཚུ་ དབུལ་ཕོངས་ཀྱི་དཀའ་ངལ་མར་ཕབ་འབད་ནི་ལུ་ འབད་རྩོལ་གལ་ཅན་ཅིག་སྦེ་འགྱུར་ཏེ་ཡོདཔ་ཨིན། ས་ཆ་དང་དབུལ་ཕོངས་ཀྱི་བར་ན་འབྲེལ་མཐུན་ཡོདཔ་ལས་བརྟེན་ ས་ཆ་མེད་མི་ཚུ་ལུ་ས་ཆ་བགོ་བཀྲམ་འབད་ནི་དེ་ དབུལ་ཕོངས་མར་ཕབ་འབད་ཐབས་ཀྱི་འབད་རྩོལ་ གལ་གནད་ཅན་ཅིག་ཨིན།

མི་སེར་སྤྱང་ཀ་ཚུ་གི་ འཚོ་བའི་གནས་ཚད་ཡར་དྲག་གཏང་ནི་ལུ་ འབད་རྩོལ་གྱི་ཆ་ཤས་ཅིག་ མི་དབང་འབྲུག་རྒྱལ་བཞི་པའི་ཞབས་ལས་ སྤྱི་ལོ་ ༡༩༩༧ ལོར་ གཞིས་ཆགས་ཀྱི་ལས་རིམ་ཐོག་ལས་ ས་ཆ་མ་པ་ལས་མེད་མི་དང་ ས་ཆ་དུམ་གྲ་ཅིག་ལས་བརྒལ་མེད་མི་ དེ་ལས་ རྩེ་རི་དང་སྤང་ཞིང་ལུ་བརྟེན་སྡོད་མི་ཁྱིམ་གུང་ཚུ་ལུ་ སའི་སྐྱིད་སྡུག་གནང་མི་དེ་ཨིན། དེ་ལས་ཚུར་ དར་དཀར་ན་ བསམ་གྲུབ་ལྗོངས་མཁར་ རྩི་རང་ གསར་སྤང་དང་ བསམ་རྩེ་བཅས་ རྫོང་ཁག་ལྔ་དེ་ཅིག་ནང་ གོ་རིམ་ ༩ དེ་ཅིག་བཙུགས་ཏེ་ ཡོངས་བསྡོམས་ཁྱིམ་གུང་ ༤༦༠༠ དེ་ཅིག་གཞིས་ཆགས་འབད་ཚུགས་ཏེ་ཡོདཔ་ཨིན།

མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ མི་སེར་གྱི་སྐྱིད་སྡུག་ཚུ་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་དང་ དེའི་ལུང་ཕྱོགས་ཡིག་ཚང་ལས་བརྒྱུད་དེ་ གནང་ནི་གི་བྱ་རིམ་གསརཔ་ཅིག་འགོ་བཙུགས་གནང་ཡོདཔ་ཨིན། བྱ་རིམ་གསརཔ་དེ་ནང་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གིས་ རྫོང་ཁག/རྒེད་འོག་སྐྱིད་སྡུག་འགོ་འདྲེན་པ་བརྒྱུད་དེ་ སའི་སྐྱིད་སྡུག་གནང་ནི་གི་དོན་ལུ་ ས་ཆ་མེད་མི་ངོས་འཛིན་དང་བདེན་དཔྱད་ཚུ་ སྔ་གོང་ཤེས་ཚོར་ཐོག་འབད་ནི་དེ་ ཁྱད་ཆོས་མངོན་གསལ་ཅན་ཅིག་ཨིན། རྒྱལ་ཡོངས་གཞིས་ཆགས་ལས་རིམ་དེ་ གཙོ་བོ་ར་ ས་ཆ་མེད་མི་དང་ མི་སྡེའི་དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་མི་སྡེ་ཚུ་ནང་ གཞིས་ཆགས་ནི་ལུ་དམིགས་ཏེ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་འོག་ལུ་ སྤྱི་ལོ་ ༢༠༡༡ ལུ་ གཞི་བཙུགས་འབད་ཡོདཔ་ཨིན།

རྒྱལ་ཡོངས་གཞིས་ཆགས་ལས་རིམ་གྱི་ འགན་དབང་དང་ལཱ་འགན།

འགན་དབང་།

  • གཤམ་གསལ་ཚུ་གི་སྒོ་ལས་ ཡུན་རྟན་ཅན་གྱི་འཚོ་བའི་གནས་ཚད་ཡར་དྲག་གཏང་སྟེ་ དབུལ་ཕོངས་མར་ཕབ་འབད་ནི་ནང་ཕན་གྲོགས་འབདཝ་ཨིན།
  • ས་ཆ་དང་གཞན་ལྷན་ཐབས་ཀྱི་གྲོགས་རམ་ཚུ་ལངམ་སྦེ་བྱིན་ཏེ་ འཐོན་བསྐྱེད་ཅན་གྱི་རྒྱུ་དངོས་ལུ་གཞིར་བཞག་གི་ཁེ་ཕན་ཐོབ་མི་ ཡར་དྲག་གཏངམ་ཨིན།
  • .འོང་འབབ་བཟོ་ནི་གི་ གོ་སྐབས་འཚོལ་ནི་དང་ ཡར་དྲག་གཏངམ་ཨིན།
  • དགོས་མཁོ་ཆེ་བའི་ མི་སྡེ་དཔལ་འབྱོར་གྱི་མཐུན་རྐྱེན་དང་ཞབས་ཏོག་ཚུ་སྤྲོད་དེ་ ཁེ་ཕན་ཐོབ་མི་ཚུ་གི་འཚོ་བའི་གནས་ཚད་ཡར་དྲག་དང་ ཡུན་རྟན་སྦེ་གནས་ཚུགསཔ་བཟོཝ་ཨིན།

ལཱ་འགན། 

    • རྒྱལ་ཡོངས་གཞིས་ཆགས་ལས་རིམ་གྱི་དོན་ལུ་ ལཱ་གི་འཆར་གཞི་བརྩམས་ནི།
    • རྫོང་ཁག་དང་གྲོས་སྟུན་འབད་དེ་ འོས་འབབ་ལྡན་པའི་ས་ཁོངས་ངོས་འཛིན་འབད་ནིའི་ནང་ སྣ་འཁྲིད་འབད་ནི།

    ལྷན་ཁག་དང་ལས་སྡེ་སོ་སོའི་ སྣ་མང་སྤྱི་སྡེའི་ལས་བྱེདཔ་ཚོགས་ཆུང་གི་འཐུས་མི་ཚུ་ གྲལ་གཏོགས་ཐོག་ འོས་འབབ་ཞིབ་འཇུག་འགོ་འདྲེན་འཐབ་ནི་ལུ་ ལྷན་ཐབས་འབདཝ་ཨིན།

    • རྫོང་ཁག་གཞིས་ཆགས་ལས་འགུལ་འཛིན་སྐྱོང་སྡེ་ཕྲན་གྱིས་གཏང་མི་ ལག་ལེན་འཆར་གཞི་དང་ མ་དངུལ་གྲོས་འཆར་ཚུ་བསྐྱར་ཞིབ་འབད་དེ་ གནང་བ་ཞུ་ནིའི་བྱ་རིམ་འཐབ་ནི།
    • ཞབས་ཏོག་ལྷན་ཁག་གིས་བཟོ་བའི་ སྡོད་ཁྱིམ་གྱི་བཟོ་བཀོད་ཚུ་བསྐྱར་ཞིབ་འབད་དེ་ ལག་ལེན་འཐབ་ནི།
    • སྡོད་ཁྱིམ་གྱི་དོན་ལུ་རྒྱུ་ཆས་དང་གཞན་གྲོགས་རམ་ཚུ་གི་དབྱེ་ཁག་དང་གྲངས་ཚད་ཚུ་ གྲ་སྒྲིག་འབད་དེ་ ཆ་འཇོག་འབད་ནི།
    • གཞིས་ཆགས་ཀྱི་ལས་སྣ་ལག་ལེན་འཐབ་ནིའི་ནང་ མ་འདྲཝ་རེ་འཐོན་པ་ཅིན་ བསྐྱར་ཞིབ་འབད་དེ་ འོས་ལྡན་གྱི་དང་ལེན་འབད་ནི།
    • རྫོང་ཁག་གཞིས་ཆགས་ལས་འགུལ་འཛིན་སྐྱོང་སྡེ་ཕྲན་ལུ་ མ་དངུལ་ཚུ་བྱིན་ནི།
    • ཐབས་རིག་ནང་འདེབས་ཁ་གསལ་གྱི་དོན་ལུ་ འབྲེལ་བ་ཡོད་པའི་ལས་སྡེ་ཚུ་དང་གཅིག་ཁར་ འགོ་འདྲེན་དང་མཉམ་འབྲེལ་འབད་ནི།
    • རྫོང་ཁག་གཞིས་ཆགས་ལས་འགུལ་འཛིན་སྐྱོང་སྡེ་ཕྲན་ལུ་ ཁོང་རའི་ལཱ་འགན་འབག་ནིའི་ནང་ ལམ་སྟོན་དང་ལྷན་ཐབས་བྱིན་ནི།
    • རྒྱལ་ཡོངས་གཞིས་ཆགས་ལས་རིམ་གྱི་ ལས་སྣ་ཚུ་ལག་ལེན་གྱི་བལྟ་རྟོག་འབད་ནི།
    • རྒྱལ་ཡོངས་གཞིས་ཆགས་ཀྱི་ཐབས་བྱུས་བརྩམས་ནི།
    • དགོས་མཁོ་ཡོད་ཚེ་ རྒྱལ་ཡོངས་གཞིས་ཆགས་ཀྱི་ཐབས་བྱུས་ བསྐྱར་ཞིབ་དང་བསྐྱར་བཟོ་འབད་ནི།
    • འབྲེལ་གཏོགས་ཅན་ཚུ་ལུ་ རྒྱལ་ཡོངས་གཞིས་ཆགས་ཀྱི་ཐབས་བྱུས་སྐོར་ དྲན་ཚོར་བྱིན་ནི།
    • གཞིས་ཆགས་ལས་འགུལ་གྱི་ འཆར་གཞི་ བཟོ་བཀོད་དང་ འགོ་ཐོག་ཟད་འགྲོའི་སྔོན་རྩིས་ཚུ་བཏོན་ནི།
    • འཚོ་བའི་མཐུན་རྐྱེན་གྱི་རྒྱབ་སྐྱོར་ཚུ་གི་བར་འཛུལ་བཟོ་ནིའི་ནང་ ལྷན་ཐབས་དང་གྲོགས་རམ་འབད་ནི།

ལས་དོན་གཙོ་ཅན།

  • ས་གཞིས་མེད་པའི་གཞིས་ཆགས༼སོ་ནམ་པ་ དགོངས་ཞུ་འབད་མི་དམག་མི་དང་ཞི་གཡོགཔ་ཚུ༽ དང་ མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་མཐུན་རྐྱེན་མེད་པའི་མི་སྡེ།
  • རྫོང་ཁག་དང་མཉམ་འབྲེལ་ཐོག་ འོས་འབབ་ལྡན་པའི་ས་ཁོངས་ཚུ་ངོས་འཛིན་དང་ ས་གནས་བདེན་དཔྱད་འབད་ནིའི་ནང་ སྣ་འཁྲིད་འབད་ནི།
  • ལྷན་ཁག་དང་ལས་སྡེ་སོ་སོའི་ སྣ་མང་སྤྱི་སྡེའི་ལས་བྱེདཔ་ཚོགས་ཆུང་གི་འཐུས་མི་ཚུ་ གྲལ་གཏོགས་ཐོག་ འོས་འབབ་ཞིབ་འཇུག་ཚུ་འགོ་འདྲེན་འཐབ་ནི།
  • ཀེ་ཌིསི་ཊཱལ་ས་འཇལ་ཐོག་ལས་ ས་མཚམས་བཀལ་ནི་དང་ས་ཆ་སྤྲོད་ནི་ཚུ་ འགོ་འདྲེན་འཐབ་ནི།
  • རྫོང་ཁག་གཞིས་ཆགས་ལས་འགུལ་འཛིན་སྐྱོང་སྡེ་ཕྲན་གྱིས་གཏང་མི་ ལག་ལེན་འཆར་གཞི་དང་ མ་དངུལ་གྲོས་འཆར་ཚུ་བསྐྱར་ཞིབ་འབད་དེ་ གནང་བ་ཞུ་ནིའི་བྱ་རིམ་འཐབ་ནི།
  • ལས་འགུལ་གྱི་ལས་སྣ་ཚུ་གི་དོན་ལུ་ མ་དངུལ་ལངམ་སྦེ་དུས་ཐོག་ལུ་བྱིན་ནི།
  • ཞབས་ཏོག་ལྷན་ཁག་གིས་བཟོ་བའི་ སྡོད་ཁྱིམ་གྱི་བཟོ་བཀོད་ཚུ་བསྐྱར་ཞིབ་འབད་ནི་དང་ སྡོད་ཁྱིམ་གྱི་དོན་ལུ་རྒྱུ་ཆས་དང་གཞན་གྲོགས་རམ་ཚུ་གི་དབྱེ་ཁག་དང་གཅིག་ཁར་གྲངས་ཚད་ཚུ་ ཆ་འཇོག་འབད་ནི།
  • ཐབས་རིག་ནང་འདེབས་ཁ་གསལ་གྱི་དོན་ལུ་ འབྲེལ་བ་ཡོད་པའི་ལས་སྡེ་ཚུ་དང་གཅིག་ཁར་ འགོ་འདྲེན་དང་མཉམ་འབྲེལ་འབད་ནི།
  • ལས་འགུལ་ཚུ་ རྒྱལ་ཁབ་ནང་འཁོད་ གནས་ཚད་གཅིག་མཚུངས་བཟོ་ནིའི་ ཐབས་བྱུས་དང་འཁྲིལ་ལག་ལེན་འཐབ་ཡོདཔ་མེད་བལྟ་རྟོག་དང་ དུས་ཐོག་ལུ་མཇུག་བསྡུ་ཡོདཔ་ ངེས་བརྟན་བཟོ་ནི།
  • འོང་འབབ་བཟོ་ནི་ལས་སྣ་ཚུ་གི་ཐོག་ལས་ འཚོ་བའི་གནས་ཚད་ཡར་དྲག་གཏང་ནིའི་དོན་ལུ་བར་འཛུལ་འབད་ནི།
  • ལས་འགུལ་གྱི་ལས་སྣ་ཚུ་དབྱེ་ཞིབ་དང་ ཐབས་བྱུས་དང་ལག་ལེན་ཡར་དྲག་གི་དོན་ལུ་ཕན་ཐབས་འབད་ནི།

ཐོན་འབྲས་སྙིང་དོན་དང་ཞབས་ཏོག

  • གཞི་རྟེན་གྱི་རྟེན་གཞི(ས་ཆ་ སྡོད་ཁྱིམ་ བཞེས་སྒོ་ སོ་ནམ་(སོན་རིགས་དང་ལྕངམ) གློག་ཤུགས་དང་འཐུང་ཆུ་བཀྲམ་སྤེལ།
  • མི་སྡེའི་རྟེན་གཞི (སོ་ནམ་ཞིང་ལམ་ ཆུ་གཡུར་ ལྷ་ཁང་ ཐག་རིང་སྨན་ཁང་ རྒྱ་བསྐྱེད་སློབ་ཁང་ མི་སྡེའི་ལྟེ་བ་ལ་སོགས་པ་ཚུ)

ཞབས་ཏོག

  • ལྷན་ཁག་དང་ལས་སྡེ་སོ་སོའི་ སྣ་མང་སྤྱི་སྡེའི་ལས་བྱེདཔ་ཚོགས་ཆུང་གི་འཐུས་མི་དང་འབྲེལ་མཐུན་འབད་ནི།
  • མ་དངུལ་གྱི་གྲོས་འཆར་བཟོ་ནི།
  • རྫོང་ཁག་གཞིས་ཆགས་ལས་འགུལ་འཛིན་སྐྱོང་སྡེ་ཕྲན་ལུ་རྒྱབ་སྐྱོར་འབད་ནི།
  • ལས་རིམ་བལྟ་རྟོག་དང་དབྱེ་ཞིབ་འབད་ནི།
  • སོར་འགྱུར་གྱི་ཞབས་ཏོག་ཚུ་ཕུལ་ནི།
  • ས་ཆ་སྤྲོད་ལེན་གྱི་ལྷན་ཐབས་འབད་ནི།
  • མི་རྩིས་སྤོ་སོར་གྱི་ལྷན་ཐབས་འབད་ནི།

ལས་མགྲོན་པ།

༡ ས་ཆ་མེད་མི་སོ་ནམ་པ།
༢ དཔལ་འབྱོར་གོང་འཕེལ་གྱི་མཐུན་རྐྱེན་མེད་པའི་མི་སྡེ།
༣ དགོངས་ཞུ་འབད་ཡོད་པའི་དམག་མི་དང་ཞི་གཡོགཔ༽

འཐོན་འབྲས/ཞབས་ཏོག་བྱིན་ཐངས།

  • རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གིས་ ཁེ་ཕན་ཅན་ཚུ་ངོས་འཛིན་འབད་ནི།
  • སྣ་མང་སྤྱི་སྡེའི་ལས་བྱེདཔ་ཚོགས་ཆུང་གིས་ འོས་འབབ་ཞིབ་འཇུག་འབད་ནི།
  • སྣ་མང་སྤྱི་སྡེའི་ལས་བྱེདཔ་ཚོགས་ཆུང་གིས་ འཆར་གཞི་བརྩམས་ནི་དང་ སྔོན་རྩིས་བཏོན་ནི།
  • རྫོང་ཁག་ལས་འགུལ་འཛིན་སྐྱོང་སྡེ་ཕྲན། ལས་རིམ་ཚུ་ལག་ལེན་འཐབ་ནི།
  • རྒྱལ་ཡོངས་གཞིས་ཆགས་ལས་རིམ་ཡིག་ཚང་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡིག་ཚང་། བལྟ་རྟོག་དང་དབྱེ་ཞིབ།

 

འབྲེལ་གཏོགས་ཅན་གྱི་ལས་སྡེ་གཙོ་བོ།

ལྷན་ཁག་བཅུ་ཐམ།

གདོང་ལེན།

  • ཁེ་ཕན་ཅན་ཚུ་ངོས་འཛིན་འབད་ནི།- ས་ཆ་མེད་མི་དང་ དཔལ་འབྱོར་གོང་འཕེལ་གྱི་མཐུན་རྐྱེན་མེད་པའི་མི་སྡེ་ཚུ་ག་ར་ སྟབས་གཅིག་ཁར་ལེན་མ་ཚུགསཔ།
  • ས་གནས་ཚུ་ངོས་འཛིན་འབད་ནི། – གཞིས་ཆགས་ཀྱི་དོན་ལུ་ ཚུལ་མཐུན་གྱི་ཆུའི་རྐ་དང་ གློག་མེའི་མཐུད་འབྲེལ་ འོས་ལྡན་གྱི་ས་ལ་སོགས་པ་ཡོད་པའི་ ས་ཆ་ལངམ་སྦེ་མེདཔ།
  • གཞིས་ཆགས་ཀྱི་དོན་ལུ་ ངེས་གསལ་གྱི་མཁས་རྩལ།
  • ལས་སྣ་ཚུ་ སྣ་མང་སྤྱི་སྡེའི་ལས་བྱེདཔ་ཚོགས་ཆུང་འཐུས་མི་ཚུ་ལུ་བརྟེན་དགོཔ།
  • ཁྱིམ་བཟོ་བསྐྲུན་གྱི་དོན་ལུ་ རིག་རྩལ་ཡོད་མི་ལས་གཡོགཔ།
  • དུས་ཚོད་ཁར་ ཤིང་ཆས་ཚུ་བཀྲམ་སྤེལ།
  • ཁེ་ཕན་ཅན་ཚུ་ གཞིས་ཆགས་ས་ཁོངས་ནང་སྤོ་བཤུད།