ཁྲིམས་དོན་སྡེ་ཚན།

རྒྱབ་ཁུངས།

རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཡིག་ཚང་ གཞི་བཙུགས་འབད་དེ་ལོ་ངོ་ ༤ དེ་ཅིག་འགྱོ་བའི་ཤུལ་ལས་ སྤྱི་ལོ་༢༠༡༡ ལུ་ རྒྱལ་ཡོངས་ས་ཆའི་ཆ་ཚད་བརྡ་དོན་ཐོག་ ས་ཆ་བསྐྱར་འཇལ་འབད་བའི་སྐབས་  ཁྲིམས་ཀྱི་གནད་དོན་མ་འདྲཝ་ལེ་ཤ་འཐོན་མི་དང་འབྲེལ་ དེ་ཚུ་སེལ་ཐབས་ཀྱི་དོན་ལུ་ ཁྲིམས་དོན་སྡེ་ཕྲན་ཅིག་ངེས་པར་དུ་དགོཔ་སྦེ་འཐོནམ་ལས་ སྤྱི་ལོ་༢༠༡༡ ཟླ་ ༦ པའི་ནང་ ཁྲིམས་དོན་སྡེ་ཚན་འདི་གཞི་བཙུགས་འབད་ནུག

ཁྲིམས་དོན་ཞབས་ཏོག་གཞི་བཙུགས་འབད་དེ་ལེ་ཤ་མ་འགྱོ་རུང་ གལ་གནད་ཅན་གྱི་ལཱ་འགན་ཚུ་འབག་བཞིན་དུ་ར་ཡོད། སྡེ་ཚན་འདི་གིས་ ཁྲིམས་དོན་གྱི་ཞབས་ཏོག་བྱིན་ནི་ ཁྲིམས་ཀྱི་འདུན་སར་བཤེར་ཡིག་ ཡང་ན་ སྙན་གསན་གྱི་དོན་ལུ་ཁྲིམས་འབྲེལ་ཡིག་ཆ་གྲ་སྒྲིག་འབད་ནི་ ལྷན་ཚོགས་ཀྱི་ངོ་ཚབ་སྦེ་ སྙན་གསན་གྱི་བྱ་རིམ་ནང་གྲལ་གཏོགས་འབད་ནི་ ལྷན་ཚོགས་ཡིག་ཚང་ཉོགས་སེལ་ཚོགས་ཆུང་གི་སྤྱིར་བཏང་ཁྲིམས་ཀྱི་བྱ་རིམ་དང་ ལྷན་ཚོགས་ཀྱི་སྤྱིར་བཏང་འབྲེལ་གནད་ཚུ་ག་ར་ འབྲུག་གི་རྩ་ཁྲིམས་ཆེན་མོ་དང་ རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཞན་ཚུ་གི་ དགོངས་དོན་དང་འཁྲིལ་ཡོདཔ་ངེས་བརྟན་བཟོ་ནི་ཚུ་ ཁྲིམས་དོན་སྡེ་ཚན་གྱི་གལ་གནད་ཅན་གྱི་འགན་ཁུར་ཨིན།

ཞབས་ཏོག་དེ་འགོ་བཙུགས་པའི་སྐབས་ལུ་ ལཱ་འབད་མི་འགོ་དཔོན་ཉུངས་སུ་ཅིག་ལས་བརྒལ་མ་སྡོདཔ་ལས་ ལྷན་ཚོགས་ཡིག་ཚང་འོག་གི་སྡེ་ཕྲན་ཆུང་ཀུ་ཅིག་ཨིན། འབྲུག་གི་སའི་བཅའ་ཁྲིམས་སྤྱི་ལོ་ ༢༠༠༧ ཅན་མ་བསྟར་སྤྱོད་ཀྱིས་ རྒྱལ་ཁབ་ནང་གི་ས་ཆ་བདག་སྐྱོང་འཐབ་མི་གཡོག་སྡེ་ཚུ་ལུ་ འགན་ཁུར་སྣ་ཚོགས་ཕོག་ནི་རྐྱངམ་ཅིག་གིས་མ་ཚད་པར་ འདྲ་མཉམ་དང་དྲང་བདེན་གྱི་གཞི་རྩའི་དགོངས་དོན་ཐོག་ལས་ མི་སེར་གྱི་ཁྲིམས་ལུགས་ཀྱི་དབང་ཆ་ཡང་ ཡར་དྲག་སོང་ཡོདཔ་ཨིན། དེ་ལུ་བརྟེན་ ཁྲིམས་དོན་སྡེ་ཚན་ནང་འོང་མི་ ནང་འཁོད་དང་ཕྱི་ཁའི་ལས་མགྲོན་པ་གཉིས་ཆ་རའི་གྱངས་ཁ་ ཡར་སེངས་སོངམ་ལས་ ལས་བྱེདཔ་ཚུ་ ལཱ་འགན་ལེ་ཤ་འབག་དགོཔ་འཐོན་ཡོདཔ་ཨིན།

ཁྲིམས་དོན་ཞབས་ཏོག་གི་ ལཱ་འགན་དང་འགན་ཁུར་ཚུ་ རིམ་བཞིན་ཡར་སེངས་འགྱོ་མི་ལུ་བརྟེན་ ལྷན་ཚོགས་ཡིག་ཚང་ནང་ ཁྲིམས་དོན་ཞབས་ཏོག་ལས་ ཁྲིམས་དོན་སྡེ་ཚན་སྦེ་ངེས་པར་ ཡར་སེངས་འབད་དགོཔ་མཐོང་ཡོདཔ་པའི་ཁར་ དེའི་སྐབས་ལུ་ ལྷན་ཁག་དང་གཞུང་གི་ལས་སྡེ་ཚུ་ནང་ ལས་སྡེ་གོང་འཕེལ་བསྟར་སྤྱོད་འབད་བའི་བསྒང་སྡོདཔ་བཞིན་དུ་ རྩོད་བཤེར་གྱི་མཛད་རིམ་དང་ ཉོགས་སེལ་གྱི་བྱ་རིམ་ཚུ་འཐབ་དགོཔ་བཅས་ དོན་ཚན་གསརཔ་ཅིག་བཙུགས་ཏེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ ཁྲིམས་དོན་ཞབས་ཏོག་ལས་ཁྲིམས་དོན་སྡེ་ཚན་གུ་ ཡར་སེངས་འབད་དགོ་པའི་གྲོས་འཆར་ཕུལཝ་ཞིན་དུ་ སྤྱི་ལོ་ ༢༠༡༦ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ གཤམ་འཁོད་གྱི་ལས་བྱེདཔ་སྒྲིག་བཀོད་ལྟར་ཆ་འཇོག་གནང་ཡོདཔ་ཨིན།་

ཁྲིམས་དོན་སྡེ་ཚན།

Coming soon,….

ཁྲིམས་དོན་ཞབས་ཏོག་གི་འགན་དབང་དང་ལཱ་འགན།

འགན་དབང་།

  • བདག་སྐྱོང་གི་ཐབས་ལམ་ཐོག་ལས་ས་ཆའི་ཉོགས་འཛིང་ཚུ་སེལ་ནི།
  • ཁྲིམས་རྩོད་དང་ དེ་འབྲེལ་གྱི་ཉེས་འཛུགས་རེའཐོན་པའི་ཚེ་ ཁྲིམས་ཀྱི་འདུན་སར་ ལྷན་ཚོགས་ཡིག་ཚང་གི་ངོ་ཚབ་འབད་ནི།
  • ཁྲིམས་དོན་ཞབས་ཏོག་ཕུལ་ནི་དང་ ལས་ཚོགས་ལུ་ཕན་གྲོགས་འབད་ནི།
  • ཁྲིམས་ཁང་དང་ ངན་ལྷན་བཀག་སྡོམ་ལྷན་ཚོགས་གཅིག་ཁར་འབྲེལ་འཛིན་འབད་ནི།
  • དཀའ་རྙོགས་ཆེ་བའི་ ས་ཆའི་འབྲེལ་གནད་ཞིབ་དཔྱད་འབད་ནི།

ལཱ་འགན།

  • ས་ཁོངས་བདེནདཔྱད་འབད་ནི་དང་ རྩོད་གཞི་ཚུ་བསྐྱར་ཞིབ་འབད་ནི།
  • ཉོགས་སེལ་ཚོགས་ཆུང་ ཁྲིམས་ཀྱི་འདུན་སར་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཞིབ་རྟོག་ཚུ་ཕུལ་ནི།
  • ཞུ་ཚིག་བཟོ་ནི་ནང་ ཁྲིམས་བཤེར་དང་འབྲེལ་བའི་གནད་དོན་ཚུ་ག་ར་ སེལ་ཐབས་འབད་ནི།
  • ལས་སྡེ་ལུ་ ཁྲིམས་འགལ་གྱི་གནད་དོན་འཐོན་ནིའི་ཉེན་ཁག་ཚུ་ལས་ཉེན་སྐྱོབ་འབད་ནི།
  • ལས་སྡེ་གི་ཟུར་ཁྲིམས་དང་སྒྲིག་གཞི་ཚུ་ འབྲུག་གི་རྩ་ཁྲིམས་ཆེན་མོ་དང་ རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཞན་ཚུ་གི་ དགོངས་དོན་དང་འཁྲིལ་བཟོ་ནི་དང་ དེ་བཞིན་བསྐྱར་ཞིབ་འབད་ནི།
  • ལས་སྡེ་ལུ་ ཁྲིམས་ཀྱི་བརྡ་སྟོན་དང་ བྱ་རིམ་ཚུ་གི་སྐོར་ལས་བསླབ་སྟོན་བྱིན་ནི།
  • ལས་སྡེའི་ས་ཆ་འབྲེལ་གནད་ཚོགས་ཆུང་གི་ལཱ་འགན་འབག་མི་གཙོ་ཅན་ཅིག་འབད་ནི།

ལཱ་འགན་གཙོ་ཅན།

  • ཉོགས་སེལ།
  • རྩོད་བཤེར།
  • ཁྲིམས་དོན་གྲོས་དཔོན།
  • ས་ཆའི་འབྲེལ་གནད་སེལ་ནི།

ལས་མགྲོན་པ།

ནང་འཁོད།

༡. ལྷན་ཚོགས་ཡིག་ཚང་གི་སྡེ་ཚན་ཚུ།

ཕྱི་ཁའི་ལས་མགྲོན་པ།

༢. ཁྲིམས་ཁང་ ངན་ལྷན་བཀག་སྡོམ་ལྷན་ཚོགས་དང་ རྩོད་རྙོག་གི་རྩ་ཕན།