ས་ཆའི་ཆ་ཚད་བརྡ་དོན་སྡེ་ཚན།

རྒྱབ་ཁུངས།

ས་ཆའི་ཆ་ཚད་བརྡ་དོན་སྡེ་ཚན་འདི་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ནང་ལུ་ སྡེ་ཚན་ཚུ་གི་གྲས་ལས་རྙིང་ཤོས་ཅིག་ཨིན་མི་འདི་སྤྱི་ལོ་༡༩༦༠ རེ་གྲངས་ལུ་ ལྕགས་ཐག་ས་འཇལ་འབད་བའི་སྐབས་ལུ་ གཞི་བཙུགས་འབད་འབདཝ་ཨིན་མས། དེ་བསྒང་སྡེ་ཚན་དེ་གི་འོག་ལུ་ བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་སྡེ་ཚན་གྱིས་ སྤྱི་ལོ་༡༩༩༢ ལུ་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་དང་ སིའུ་ཌེན་རྒྱལ་སྤྱི་གོང་འཕེལ་ལས་སྡེ་གི་ ལས་འགུལ་རྒྱབ་སྐྱོར་ཐོག་ལས་ ས་ཁྲམ་ཐོ་བཀོད་ཚུ་ གློག་རིག་ནང་བཙུགས་ནི་འགོ་བཙུགས་ནུག

སྡེ་ཚན་གྱིས་ ད་ཚུན་ རྒྱལ་ཡོངས་ས་ཆ་བསྐྱར་འཇལ་ལས་རིམ་ (སྤྱི་ལོ་༢༠༠༨-༢༠༡༣)དང་ སྤྱི་ལོ་༡༩༦༤ ལས་༡༩༦༨ ཚུན་གྱི་ ལྕགས་ཐག་ས་འཇལ་བརྩི་སྟེ་ རྒྱལ་ཁབ་ཡོངས་རྫོགས་ཀྱི་ཆ་ཚད་ས་འཇལ་ ཚར་༣ འགོ་འདྲེན་འཐབ་ཡོདཔ་ཨིན།  སྡེ་ཚན་འདི་ རྫོང་ཁག་ག་ར་ནང་གི་ ས་ཆའི་ཆ་ཚད་ཀྱི་ས་འཇལ་པ་ཚུ་གི་ འབྲེལ་ཡོད་སྡེ་ཚན་ཅིག་ཨིན།

སྡེ་ཚན་འདི་ རྒྱལ་ཁབ་ནང་ལུ་ ས་ཆའི་ཆ་ཚད་ས་འཇལ་དང་ ཆ་ཚད་སབ་ཁྲ་བཟོ་སྟེ་ སྤྲོད་ནི་དང་འབྲེལ་བའི་ལཱ་ག་ར་ འགན་ཁག་འབགཔ་ཨིན།

གནམ་སྟོང་ཐོག་གི་ གནས་ཕྱོགས་རིམ་ལུགས་གོང་འཕེལ་འགྱོ་མི་དང་ ས་ཆའི་བརྡ་དོན་རིམ་ལུགས་གཞི་སྟེགས་ནང་ ཆ་ཚད་ས་འཇལ་ཐབས་རིག་འཇོན་ཐངས་ཅན་དགོས་མཁོ་བྱུང་ཡོད་མི་ལས་བརྟེན་ སྡེ་ཚན་གྱིས་ རྒྱལ་སྤྱིའི་གནས་ཚད་དང་མཐུན་པའི་ ས་ཆའི་ཆ་ཚད་བརྡ་དོན་རིམ་ལུགས་ ཡར་དྲག་གཏང་སྟེ་ གཅིག་སྒྲིལ་གྱི་ས་ཆའི་ཆ་ཚད་བཟོ་དགོཔ་འཐོན་ཡོད། ད་རིས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ དེང་སང་གི་ས་འཇལ་འཕྲུལ་ཆས་ལག་ལེན་འཐབ་ཐོག་ ས་ཆ་དང་འབྲེལ་བའི་རྒྱུ་དངོས་ཀྱི་བདག་དབང་ ཉེན་སྲུང་ལྡནམ་སྦེ་བཟོ་ནིའི་དོན་ལས་ མཆོག་འགྱུར་གྱི་ས་ཆའི་ཆ་ཚད་ལམ་ལུགས་བཟོ་བཟི་བསྒང་ཡོདཔ་ཨིན།

 

ས་ཆའི་ཆ་ཚད་བརྡ་དོན་སྡེ་ཚན་གྱི་འགན་དབང་དང་ ལས་འགན།

འགན་དབང་།

  • ས་ཆའ་ཆ་ཚད་ས་འཇལ་འགོ་འདྲེན་འཐབ་ནི།
  • ས་ཆའི་ཆ་ཚད་ཀྱི་ས་འཇལ་པ་ག་ར་གི་ གཞི་འཛིན་ལས་སྡེ།
  • ས་ཆའི་ཆ་ཚད་ཀྱི་ཚད་ལྡན་བཟོ་ནི།

ལཱ་འགན།

  • ས་ཆའི་ཆ་ཚད་ས་འཇལ།
  • ས་ཆའི་ཆ་ཚད་ཀྱི་གཞི་རྟེན་གནས་སྡུད།
  • རྒྱལ་ཡོངས་ས་ཆའི་ཆ་ཚད་བདག་དབང་གི་བརྒྱུན་སྐྱོང་།
  • ས་ཆའི་ཆ་ཚད་ས་འཇལ་འབད་ནིའི་དོན་ལུ་ རྒྱལ་ཡོངས་ཀྱི་ཚད་ལྡན་བཟོ་ནི།

འཐོན་འབྲས་དང་ཞབས་ཏོག་གཙོ་བོ།

འཐོན་འབྲས།

  • ས་ཆའི་ཆ་ཚད་དང་ ས་ཁོངས་འཆར་གཞི་སབ་ཁྲ།
  • ས་ཆའིི་ཆ་ཚད་གཞི་རྟེན་གནས་སྡུད།

ཞབས་ཏོག

  • ཆ་ཚད་ས་འཇལ་ནི།
  • ཨི་ས་སྐོར་རིམ་ལུགས་ཐོག་ལས་ ས་ཆ་སྤྲོད་ལེན་དང་འབྲེལ་བའི་སབ་ཁྲ་དུ་མཐུན་བཟོ་ནི།
  • ས་ཆ་རིག་པའི་བརྡ་དོན་རིམ་ལུགས་གཞི་སྟེགས་ཐོག་གི་དབྱེ་དཔྱད།
  • ལས་སྡེ་གཞན་གྱི་ཞིབ་དཔྱད་དང་འབྲེལ་བའི་སབ་ཁྲའི་ལཱ།
  • ས་གནས་ས་ཁོངས་འཆར་གཞི་འོས་མཐུན་བཟོ་ནི།

ལས་མགྲོན་པ།

ནང་འཁོད།

༡ གྲོང་གསེབ་ས་ཆ་སྡེ་ཚན།

༢ ཁྲོམ་སྡེ་ས་ཆ་སྡེ་ཚན།

༣ ས་ཆའི་བརྡ་དོན་རིག་པའི་སྡེ་ཚན།

༤ ས་ཆའི་དབྱིབས་འཇལ་སྡེ་ཚན།

༥ ཁྲིམས་དོན་སྡེ་ཚན།

༦ རྒྱལ་ཡོངས་ས་ཆ་བསྐྱར་འཇལ་སྙན་ཞུ་སྡེ་ཚན།

ཕྱི་ཁའི་ལས་མགྲོན་པ།

༡ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་།

༢ ངན་ལྷད་བཀག་བསྡོམས་ལྷན་ཚོགས།

༣ ཞབས་ཏོག་ལྷན་ཁག

༤ ཁྲོམ་སྡེ།

༥ རྫོང་ཁག

༦ ཁྲམ་འཆང་མི་ཚུ།

༧ གཞུང་དབང་ལས་སྡེ་དང་ སྒེར་གྱི་ལ་སྡེ་ ལས་འཛིན་ཚུ།

༨ གཙུག་སྡེ་གཞན།

འཐོན་འབྲས་དང་ཞབས་ཏོག་སྤྲོད་ཐངས།

  • ཤོག་གུ་ཐོག་གི་ཡིག་འགྲུལ།
  • ཨི་ས་སྐོར་དང་གཞན་ཡོངས་འབྲེལ་ཐོག
  • དངོས་གཞིའི་་ས་འཇལ།

གྲལ་གཏོགས་ཅན་གྱི་ལས་སྡེ་གཙོ་བོ།

༡ གྲོང་གསེབ་ས་ཆ་སྡེ་ཚན།

༢ ཁྲོམ་སྡེ་ས་ཆ་སྡེ་ཚན།

༣ ཁྲོམ་སྡེ་འཆར་གཞི་སྡེ་ཚན་དང་ ས་ཆ་འཛིན་སྐྱོང་སྡེ་ཚན།

༤ སའི་ཚོགས་པ་དང་ མི་མང་།

༥ རྫོང་ཁག

༦ སོ་ནམ་དང་ནགས་ཚལ་ལྷན་ཁག

༧ ཞབས་ཏོག་ལྷན་ཁག

༨ བསྟན་རྒྱས་ལྷན་ཁག

ལྕོགས་གྲུབ།

ས་ཆའི་ཆ་ཚད་གྱི་ས་འཇལ་འབད་ཐངས།
ས་ཆའི་ཆ་ཚད་ཀྱི་གནས་སྡུད་གཞི་རྟེན་འཛིན་སྐྱོང་འཐབ་ཐངས།
ས་ཆའི་ས་མཚམས་གཏན་འཁེལ་བཟོ་ཐངས།